གླུ་ལ་བསྒོམ་པའི་ལྷ་མོ། འཕགས་མཆོག་དབྱངས་ཅན་ལྷ་མོ།
ཕྱག་མཆོད་ཕུལ་བའི་དངོས་གྲུབ། གསུངས་གདངས་དབྱངས་གསུམ་ཞུ་གེ།
གླུ་ལ་མཆོད་པ་ཕུལ་ས། མཚན་ལྡན་བླ་མའི་སྐུ་མདུན།
བླ་མ་ཕུལ་བའི་དངོས་གྲུབ། ཆོས་ཀྱི་བསྟན་པ་དར་ཤོག།
གླུ་ལ་བྲོ་གར་ཁྲབ་ས། མི་དབང་རྒྱལ་པོའི་སྐུ་མདུན།
རྒྱལ་པོ་ཕུལ་བའི་དངོས་གྲུབ། རྒྱལ་ཁབ་བདེ་སྐྱིད་ལྡན་ཤོག།
གླུ་ལ་དགའ་སྤྲོ་བསྒྱུར་ས། དྲིན་ཆེན་ཕ་མ་འཛོམས་ས།
ཕ་མ་ཕུལ་བའི་དངོས་གྲུབ། བུ་གཞི་བསྟན་པ་དར་ཤོག།
གླུ་ལ་གཏམ་གསུམ་བཤད་ས། སྨན་ཆུང་བུ་མོ་འཛོམས་ས།
བུ་མོར་བཤད་པའི་དངོས་གྲུབ། དམ་ཚིག་བརྩེ་གདུང་རྒྱས་ཤོག།
No comments:
Post a Comment