Wednesday, September 27, 2023

མི་ཚེའི་སྙིང་པོ།




འཛམ་གླིང་འཁོར་བའི་ས་སྟེང་། འཇིག་པའི་རང་བཞིན་ཡིན་ན་ཡང་། 

མི་ལུས་འཐོབ་ཁན་སྤྲང་པོ། བདེ་བ་ཡུད་ཙམ་ཅིག་གེ། 

ཆགས་པ་ཞེན་པ་བསྐྱེད་དེ། སྡུག་བསྔལ་སེམས་མས་མ་བསམ། 

དམ་ཆོས་སྒྲུབ་པ་མ་ཚུགས། དོན་མེད་མི་ཚེ་ཕྲོ་བརླག། 

སོང་ཚེ་འགྱོད་པ་བསྐྱེད་རུང་། ལོག་པའི་ཐབས་ཅིག་མ་འབྱུང་། 


རང་གི་དྲིན་ཆེན་ཨ་མ། ལྷ་མོའི་ཞལ་རས་འབག་སྟེ། 

བྱམས་བརྩེ་ཚད་མེད་སྐྱོངས་ཚེ། བུ་ཚ་དགའ་སྐྱིད་དྲག་སྟེ། 

ཕ་མའི་ཚེའི་ཚད་མ་ཤེས། དགྲ་ཆེན་འཆི་བ་འོང་ཚེ། 

བུ་ཚ་མི་གྲལ་བཞུགས་པའི། ན་ཚོད་རན་ཧིང་མ་བལྟ། 

ད་ལྟ་མཐོང་ས་མེད་པ། འདྲིན་ལན་འཇལ་ཐབས་མ་འབྱུང་།


དམ་ཚིག་ཅན་གྱི་ཨ་ཞེ། ལོ་དང་ན་ཚོད་ཆུང་རུང་། 

ཨ་མའི་འགན་འཁུར་འཕོག་སྟེ། སྤུན་ལ་རྐང་ཐངས་དྲངས་སེ། 

བྱམས་བརྩེ་མྱོངས་འཁན་ཉུང་པོ། ཨ་ཞེའི་ན་གཟུགས་མ་འཚོར། 

ཚེ་སྒང་དཀའ་བ་དཔྱད་དེ། ན་ཐན་གྲུབ་འབྲས་འབྱུང་ཚེ། 

གློ་འབུར་ཚེ་ལས་འདས་ཚེ། གཉིད་ལམ་དངོས་སུ་མ་ཤེས། 


སྐྱེས་པའི་ཁ་ཚིག་ལྡན་པའི། ངའི་གི་ཡབ་རྗེ་དམ་པ། 

བཟའ་ཚང་དགའ་སྐྱིད་དོན་གེ། དཀའ་བ་གནག་པུ་དཔྱད་དེ། 

རེ་བ་ཐམས་ཅད་བཀང་སེ། ལངས་ཤོར་བུ་ཚ་ང་ཀིས། 

དཀའ་སྡུག་ཡང་ལྗིད་མ་ཤེས། ད་ལྟན་སོན་པོ་ཡོད་རུང་། 

རང་གི་འཁོར་བའི་མི་ཚེ། སྐྱོངས་སང་རེ་བ་བསྐྱེད་དེ། 

བར་ལས་ལ་ལུང་གཅད་དེ། ལཱ་དང་གཡོག་གིས་བཀག་སྟེ། 

གདོང་བསྐོར་འཛོམས་སང་མེད་ཚེ། ཉོན་མོངས་འཁོར་བའི་མི་ཚེ། 

མི་ལུས་འཐོབ་སྟེ་འབད་རུང་། དོན་དག་སྙིང་པོ་ཡོད་གམ?

3 comments:

ཁྱོད་ཚར་རེ་མཐོངམ་ད།

  ཁྱོད་ཚར་རེ་མཐོངམ་ད ། Chhe tsha re thong da bu ngi lo sem di tsa da pule rang michha bey  ཁྱོད་ཚར་རེ་མཐོངམ་ད་ བུ་ངེའི་བློ་སེམས་འདི་ རྩ་དང་ས...