Thursday, August 8, 2024

ཁྲུངས་སྐར་ཕུན་ཚོགས་ལྔ་ལྡན།


སངས་རྒྱསའི་རྗེས་སུ་བྲངས་ནས་སྤྲུལ་སྐུ།།

འགྲོ་བའི་འཇིགས་སྐྱོབས་ནུས་པས་འཇིགས་མེད།།

བསྟན་པའི་སྒྲ་ཆེན་སྒྲོགས་ནས་ཆོས་གྲགས།།

མི་སེར་ཡོངས་ཀྱིས་བསྟེན་པའི་སྐྱབས་རྗེ།།

ཞིང་འདིར་འབྲུག་ལུ་ཁྲུངས་ནས་གནས་བཟང་།།

རྡོ་རྗེའི་ཁྲིར་ལ་བཞུགས་མཁན་བསྟན་བཟང་།།

གདམས་ངག་ཚུལ་ཁྲིམས་སྤེལ་བའི་ཆོས་བཟང་།།

བསྟན་པ་འཇིགས་གྲགས་ཁྲུངས་པའི་དུས་བཟང་།།

བསྐལ་བཟང་དད་མོས་ལྡན་པའི་འཁོར་བཟང་།།

ཕུན་ཚོགས་ཡོངས་རྫོགས་བསྡུ་བའི་བརྟེན་འབྲེལ།།

རྡོ་རྗེ་འཆང་གི་ཁྲི་རབས་བདུན་བཅུར།།

སྐྱབས་རྗེ་ཁྲུངས་ལོ་བདུན་བཅུ་བཞེས་པ། 

བསྐལ་བཟང་བརྟེན་འབྲེལ་མིན་ན་ཅི་ཡིན?

No comments:

Post a Comment

ཁྱོད་ཚར་རེ་མཐོངམ་ད།

  ཁྱོད་ཚར་རེ་མཐོངམ་ད ། Chhe tsha re thong da bu ngi lo sem di tsa da pule rang michha bey  ཁྱོད་ཚར་རེ་མཐོངམ་ད་ བུ་ངེའི་བློ་སེམས་འདི་ རྩ་དང་ས...